རྡོར་བཟང་མར།

མདངས་དཀར་དུང་གི་ཟླ་བ་ཁྱོད་ཡིན་ན། །
ཀུ་མུཊཚོས་ཞི་ལེགསཔ་པས་ང་གིས་སྤྲུལ། །
དཀར་སངས་ནུབ་ནི་མེད་པར་ཤར་ཏེ་སྡོདན། །
ལས་ཀྱིས་ཀུ་མུཊ་མ་འཁོར་ཐབས་མེདཔ་འོང། །

དྲོད་ཉམས་ཆེ་བའི་ཁྲི་གདུགས་བུམོ་ཁྱོད་འབདན། །
རྒྱ་མཚོའི་སྦུག་གི་པདྨ་ང་རང་ཨིན། །
འོད་ཟེར་དགུང་སྔོན་དབྱིངས་ལས་འཛུམས་པ་ཅིན། །
པདྨ་ལས་ཀྱིས་མ་བཞད་ཐབས་རང་མེད། །

ཡིད་འོང་སྤྲིན་གྱི་མེ་ཏོག་ཨིན་པ་ཅིན། །
ང་རང་མྱུ་གུ་སྔོན་པོ་ལོས་ཀྱང་ཨིན། །
ཆུ་འཛིན་བར་སྣང་ཁམས་ལུ་སྤུབས་པ་ཅིན། །
མྱུ་གུའི་རང་བཞིན་མ་རྒྱས་རང་རྒྱས་ཨིན། །

མཛེས་ལྡན་ནམ་མཁའི་སྐར་མ་ཨིན་པ་ཅིན། །
ཡངས་པའི་ལྷ་ལམ་སྔོན་པོ་བུ་ང་ཨིན། །
དགའ་དང་སྤྲོ་བའི་ཉམས་ཅིག་སྟོན་པ་ཅིན། །
ནམ་ཡང་ཁྱོད་ཀྱི་དོན་ལུ་སྔོ་སངས་སངས། །

སྨན་ཆུང་དམ་ཚིག་ཅན་ཅིག་ཨིན་པ་ཅིན། །
ཁ་ཚིག་གནས་པའི་སྟག་ཤར་ང་ཡང་ཨིན། །
ལས་ཀྱིས་བཀོད་པའི་གནམ་བསྐོས་ཡོད་པ་ཅིན། །
འཇིག་རྟེན་མི་ཡི་རེ་བ་འདི་རང་མམ། །

འབྲི་མི་: རིག་སྲས་ དབང་ཕྱུག

བསམ་བཀོད་ 1།

བསམ་བཀོད་ཀྱི་སྒོ་བསྡམས་ཡི།