ཀ་རྩོམ་ཀུན་ཕན།

ཀ་ཁ་ལྷབ་གེ་འབྲུག་པའི་ན་གཞོན་ཚུ། ། ཁ་སྐད་ཤེས་ན་མཁས་པ་འདི་ལས་གཞན། །
ག་ཏེ་འཚོལ་རུ་མི་འཐོབ་ངེས་དོན་ཨིན། ། ང་ཡང་འདི་ལུ་བརྩོན་དོ་ཆ་རོགས་སུ། །

ཅ་ལ་རྒྱུ་ནོར་དགོ་རུ་ཁ་སྐད་ཀྱིས། ། ཆ་རོགས་འབད་འདི་སྒྲུབ་པ་ཐེ་ཚོམ་མེད། །
ཇ་ཆང་ལོངས་སྤྱོད་སྤྲོ་བའི་ཟས་ཚུ་ཡང་། ། ཉ་མོ་རང་ལུ་ཁ་སྐད་འདི་གིས་གནང་། །

ཏ་ལ་ཤིང་གི་བསིལ་ཉམས་ལྡན་པའི་འོག ། ཐ་དང་དམ་ཚིག་ལྡན་པའི་བུ་མོ་དང་། །
ད་ལྟོ་ཧིང་གཏམ་བཤད་ནི་འཐོབ་མི་འདི། ། ན་ཐད་བརྟག་ན་ཁ་སྐད་འདིའི་དྲིན། །

པ་ཏྲ་གསེར་གྱིས་རྒྱན་པའི་ཁང་ཁྱིམ་ཡང་། ། ཕ་སྐད་རིན་ཆེན་གསེར་ལས་སྒྲུབ་སྒྲུབ་ཨིན། །
བ་དང་བོ་ཅུང་བསྐྱེད་པའི་སྙིང་བརྩེ་འདི། ། མ་མ་རྫོང་ཁ་འདི་གི་འབྲས་བུ་ཨིན།།

ཙ་རི་གནས་དང་་བྱིན་རླབས་འགྲན་མཚུངས་པ། ། ཚ་གྲང་གནས་སུ་འགྱོ་བའི་ལམ་མི་སྟོན། །
ཛ་ཏི་སྨན་ལས་ལྷག་པའི་བྱིན་རླབས་འདི། ། ཝ་སྐད་མེན་པ་རྫོང་ཁའི་ཁྱད་ཆོས་ཨིན། །

ཞརཝ་དང་ཉམ་ཆུ་དཀའ་ངལ་སེལ་བའི་མགོན། ། ཟ་མོ་ཤེས་རབ་སྐད་དང་ཐབས་ཀྱི་སྐད། །
འ་འུར་མེད་པ་སེམས་ཅན་ཆོས་ལ་སྐུལ། ། ཡ་རབ་ན་གཞོན་འདི་ཚུ་བརྩོན་ན་དགའ། །

ར་ལུགདུད་འགྲོ་བཟུམ་སྦེ་འཁོར་བ་ནང་། ། ལ་མོ་ལན་ཅིག་ལན་གཉིས་བརྒལ་འདི་གིས། །
ཤ་གཟུགས་ཕངས་སེམས་ཡོད་རུ་སྡུག་བསྔལ་ལས། ། ས་གཞི་ལས་ཀྱང་སྦོམ་པའི་སྡུག་བསྔལ་འདི། །
ཁ་སྐད་བདག་འཛིན་འབད་ན་འདི་ལས་སྒྲོལ། །

ཧ་ཧ་མ་དགོད་ངད་ཀྱི་གླེང་རྩོམ་ལུ། ། ཨ་མ་གཙོས་པའི་འགྲོ་དྲུག་སེམས་ཅན་ཀྱིས། །
ནོར་བ་འཛོལ་བ་ཡོད་ན་བཟོད་པར་གསོལ། ། གོང་འགལ་མེད་པར་བཞུགས་པའི་རེ་བའོ།། །།

འབྲི་མི་ བོད་སྒར་རྟ་མགྲིན་དབང་ཕྱུག

ལན་གསལ་བཀོད།

ཁྱོད་ཀྱི་གློག་འཕྲིན་ཁ་བྱང་འདི་དཔེ་སྐྲུན་འབད་འོང། དགོས་འདོད་ས་སྒོ་ཚུ་ * སྦེ་མངོན་གསལ་འབད་ནུག