ངེའི་སྐོར།

འཆར་སྒོ་འདི་གཟིགས་མི་ཚུ་ལུ་ཞུ་དོན།

བུ་རང་ལུ་ རྫོང་ཁའི་ཤེས་ཡོན་ རྒྱ་ཆེཝ་ཅིག་ག་ནི་ཡང་མེད་འདི་སྦེ་རུང་ རྫོང་ཁའི་སྐད་ཡིག་གོང་འཕེལ་ལུ་དམིགས་ཏེ་ དྲི་ལན་གི་ཡོངས་འབྲེལ་ དཔེར་ན་ Quora.com (དྲི་ལན་གྱི་འཆར་སྒོ) བཟུམ་ཅིག་བཟོ་སྟེ་ཡོད།

འདི་བཟུམ་མའི་ཡོངས་འབྲེལ་འཆར་སྒོ་ཚུ་གི་ ག་དེམ་ཅིག་ཕན་ཐོགསཔ་ཨིན་ན་ སློབ་ཕྲུག་ང་བཟུམ་ཚུ་གིས་འདི་ཤེས་རང་ཤེས། དེ་འབདཝ་ད་ རྫོང་ཁ་ལྷབ་པའི་སྐབས་ འདི་བཟུམ་མའི་ཞབས་ཏོག་ཅིག་ ཐོབ་ས་གཞན་ག་སྟེ་ཡང་མིན་འདུག

རྒྱུ་མཚན་འདི་ལུ་བལྟ་སྟེ་ མི་སྡེ་དང་རྒྱལ་ཁབ་ལུ་ཕན་ཐོག་ཚུགསཔ་ཅིག་ཡོད་པ་ཅིན་མནོ་སྟེ་ འཆར་སྒོ་འདི་ཧ་ལམ་ཅིག་ བཟོ་ཚརཝ་མ་ཚད་ ནཱ་བུ་གི་གཟིགས་ཚུགསཔ་བཟོ་སྟེ་ཡོད།

དེ་འབདཝ་ད་ འཆར་སྒོ་འདི་ མཐར་འཁྱོལཝ་ཅིག་མགྱོ་ཐབས་ལུ་ ནཱ་བུ་གི་རྒྱབ་སྐྱོར་ གསེར་གྱི་ཐིག་པ་ལུ་རག་ལེགསཔ་ཨིན། ནཱ་བུ་གི་རྒྱབ་སྐྱོར་ གནང་ནི་གི་དོན་ལུ་ འཆར་སྒོ་འདི་ནང་ལུ་ ཐོ་བཀོད་མཛད། མཁས་པའི་བདག་པོ་ཚུ་གིས་ ལན་གསལ་གནང། མ་མཁྱེན་མི་ཚུ་གིས་ དོག་པ་ཚུ་ དྲི་བ་བཀོད། མཁྱེན་འདོད་ཡོད་མི་ཚུ་གིས་ དྲི་ལན་ཚུ་ལྷག་ ལ་སོགས་ མཛད་གནང་ཟེར་ འཆར་སྒོ་འདི་བཟོ་མི་རང་གི་ ཞུཝ་ཨིན།

ང་གི་ བརྟག་དཔྱད་ཀྱི་དོན་ལུ་ དྲི་བ་ཅིག་བཀོད་འདི་ཡོད། ནཱ་བུ་གི་ ཐོ་བཀོད་མཛད་པའི་ཤུལ་ལུ་ བརྟག་དཔྱད་ཀྱི་དོན་ལུ་ ལན་གསལ་གནང། དྲི་བ་འདི་ འོག་གི་འབྲེལ་མཐུད་.(link) ནང་ཡོད།

http://dzongkha.net/%E0%BD%91%E0%BE%B2%E0%BD%B2%E0%BC%8B%E0%BD%96%E0%BC%8B/%e0%bd%98%e0%bd%b2%e0%bd%84%e0%bc%8b%e0%bd%9a%e0%bd%b2%e0%bd%82/

ཁ་བྱང་ཚུ།

ཀ༽ ཡོངས་འབྲེལ་ཁ་བྱང།
www.dzongkha.net

ཁ༽ ཐོ་བཀོད་ཀྱི་དོན་ལུ།

འཛུལ་ཞུགས་འབད་ས།

ག༽ ནང་སྐྱོད་ཀྱི་དོན་ལུ། ( Login)

འཛུལ་སྒོ།

གསོལ་འདེབས།
ང་གི་ཞུ་བའི་གནོད་དོན་ཚུ་ ཐུགས་ཁར་འབབ་པ་ཅིན་ Share མཛད་འདི་བཀྲིན་བསྐྱང་གནང། འཆར་སྒོ་འདི་ནང་ དབྱིན་སྐད་ལས་སྐད་བསྒྱུར་འབད་བའི་སྐབས་ ནོར་བ་ལེ་ཤ་ འབྱུང་སྟེ་ཡོདཔ་འོང། འདི་ཚུ་གཟིགས་པ་ཅིན་ ང་ལུ་གསུངས་སྟེ་བཀྲིན་བསྐྱང་གནང།

འཛོལ་གསལ།
འདི་ནང་ཡོད་པའི་ འཛོལ་བ་ཚུ་ལུ་ ཐུགས་ཁྲེལ་མ་གནང།

དཔལ་ལྡན་འབྲུག་པ་རྒྱལ་ལོ།

བཀྲིན་ཆེ།