སངས་རྒྱས་སྤྱན་ཆབ་བུད་དོ།

མར་འགྱུར་སྡུག་མྱོང་སེམས་ཅན་ཀུན་དོན་ལུ། །
དཀའ་བ་བརྒྱ་ཕྲག་མངམ་པས་སྤྱོད་པའི་མཇུག །
ཐར་འདོད་དག་ལ་ཐར་ལམ་བསྟན་རུང་རང་། །
སྤྱན་ཆབ་དབང་མེད་ལྷུང་མའི་སྟོན་ལུ་འདུད། །

ལས་ཅན་མི་ཚུ་ལས་ངན་མཁོཝ་ཨིན་མནོ། །
ཁ་ཙ་ད་རིས་མཐོང་མའི་བྱ་ངན་ཚུ། །
ནངས་པར་འགྱུར་བའི་རེ་བ་སྟོང་ལྷག་རུང་། །
ཉིནམ་ཟླ་ལོ་འདས་གོང་ལས་གོང་དུ་འཕེལ། །

ད་འབདན་མི་སྡོད་ད་འབདན་དུས་ལ་འབབ། །
ཁྱིམ་པ་སྔགས་པ་རབ་བྱུང་ལ་ལུའི་སྐྱོན། །
འཇིག་རྟེན་ཀུན་གྱི་མ་དད་སྨོད་པའི་ཡུལ། །
དྲིན་ཅན་ཨ་མ་དམྱལ་བར་བཀོད་པའི་རྒྱུ། །

རུ་ཏྲ་འདིའི་ཆོས་སྲུང་ང་མེན་རུང་། །
ཆོས་ལ་དད་དང་སྙིང་རྗེ་དཀྲུགས་པ་ལས། །
མ་འདོད་བཞིད་དུ་ཁྱོད་ལུ་དགག་པ་གཏང་། །
མ་རྟོགས་ལོག་རྟོག་བྱུང་ན་གོང་ནས་བཤགས། །

ཐོག་མར་དཀོན་མཆོག་དད་པའི་ནང་པ་ཚུ། །
མ་ཎི་ཁ་ལས་སྐྱོར་ཞིང་ཁ་ནང་ཤ །
ལགཔ་གཡོནམ་ཕྱེངམ་དང་ལགཔ་གཡསཔ་ཏམ་ཁུ་བཟུང་། །
ཁ་བཤད་ཚིག་སྟོངམ་ཙམ་གྱི་ཕན་ཐོགས་ག །

ཤ་མེད་ཚུ་གི་ཤ་ཟ་ངནམ་སྦེ་རྩིས། །
ཤ་མེད་ཙམ་གྱི་བཟང་པོ་ག་ཏེ་ཨིནམ། །
ཤ་ཟཝ་ཙམ་གྱི་ངན་ཨིནམ་ག་ལས་གསུངས། །
ཤ་ཟཝ་ཙམ་གྱི་ཁོང་ལུ་ཁ་མ་བཏང་། །

བུ་གཞིའི་འབྱུང་གནས་རྨགཔ་ཡོད་ཨམ་སྲུ་ཚུ། །
གདོང་ཁར་རྨགཔ་ཅིག་རྒྱབ་ལུ་ག་ཐོབ་ཐོབ། །
ལྷག་ཏུ་དགེ་སློང་གྲངས་མེད་སྡོམ་ཤོར་ཅུག །
སྤྱོད་པ་འདི་བཟུམ་གཞང་བཙོངམ་སྟོང་ལས་སྐྱོ། །

སྙིང་མཐུན་རྨགཔ་འདི་ཚེ་འདིའི་སྐྱབས་གཅིག་ཨིན། །
ལས་འཕྲོག་ཆེ་བའི་ཆེ་ཤོས་ཁོ་ཨིན་ལས། །
ཤི་རུང་ལུས་འདི་གཞན་ལུ་མ་ཤོར་སྲུང་། །
ཨམ་སྲུ་ཁྱེད་ལུ་དམ་ཚིག་འདི་ར་ཨིན། །

མ་བུ་གཉིས་ཀྱི་ཡིད་གཏོད་ཨ་པ་རྣམས། །
ཁ་བདེ་ཆང་དང་ལག་བདེ་ཨམ་སྲུ་བརྡུངས། །
བརྩེ་བའི་ཨམ་སྲུ་མགོ་སྐོར་ཨམ་ཅུམ་འཚལ། །
ཕན་མེད་གནོད་ཅན་ཨིན་ན་མེད་རུ་དགའ། །

མ་བུའི་བདེ་བ་ཨ་པ་ལགཔ་ལུ་ཨིན། །
ལས་ཀྱི་སྡུག་བསྔལ་བཀོད་ན་ཁེ་ར་མེད། །
གང་ཐུབ་ཅི་ཐུབ་མ་བུ་བྱམས་ཀྱིས་སྐྱོངས། །
ཨ་པའི་ཚེ་གཅིག་འགན་ཁུར་འདི་རང་ཨིན། །

པད་མ་མེ་ཏོག་མཚོའི་སྟེང་ན་ལེགས། །
ཕྱི་སྤྱོད་བཟང་པོ་བུ་མིའི་ལུས་ལ་ལེགས། །
སྐར་མ་ཆེམ་ཆེམ་ནམ་མཁའི་རྒྱན་ཆ་མས། །
བསམ་གཤིས་བཟང་པོ་བུ་མའི་རྒྱན་ཆ་ཨིན། །

རྡོ་དྲིལ་སྒྲ་སྙན་གོས་དཀར་སེམས་ཤོར་ཏེ། །
སྔགས་ཆོས་ཁྲོས་མ་བཏང་མི་ལ་ལུ་འདུག །
སྟོང་ཉིདན་མི་ཤེས་ཐོས་བསམ་རྩ་ལས་མེད། །
རྐང་རྡུང་འཕུ་ནི་ཨ་ལོའི་རྩེདམ་དང་འདྲ། །

བསྟན་པའི་སོག་ཤིང་དགེ་འདུན་རིན་པོ་ཆེ། །
མཁན་པོ་གཙོ་པའོ་གྲྭ་བཙུན་མང་ཤོས་གཅིག །
ཚུལ་ཁྲིམས་མེད་རུང་རབ་བྱུང་གོས་དམར་གྱོན། །
ཁྱིམ་པ་སུན་འབྱིན་རང་མིན་གཞན་ཡང་བླགས། །

སྡོམ་པ་མེད་ན་རབ་བྱུང་རྟགས་ཡང་ཕུད། །
གལ་སྲིད་མི་ཕུདན་ཉེས་པ་བསམ་མེད་ཁྱབ། །
དལ་འབྱོར་མི་ཚེ་རང་གི་རང་མ་ཕུང་། །
སྡོམ་པ་མེད་པའི་རབ་བྱུང་སྲོལ་འདི་སྤངས། །

མི་གནགཔ་ཚུ་གི་དགེ་སྤྲོད་ཁ་མ་བཏང་། །
ལས་ཀྱི་སྡོམ་པ་ཤོར་རུང་གཞན་ལས་འཕགས། །
འཕགས་པ་སངས་རྒྱས་ཁོ་རའི་ཞལ་གདམས་ཨིན། །
ཡིད་ཆེ་གནང་སྟེ་དག་སྣང་གང་ཐུབ་སྦྱང་། །

འཕགས་པའི་རྣམ་སྤྲལ་སྤྲུལ་སྐུ་རིན་པོ་ཆེ། །
མི་ཡུལ་བྱོན་པ་བསྟན་འགྲོའི་དོན་ཨིན་མས། །
བསྟན་པའི་དོན་ལུ་ཁྲི་ཕྱིར་ཐབ་དགོཔ་མེད། །
འགྲོའི་བའི་དོན་ལུ་རྒྱ་ནོར་བསགས་དགོཔ་མེད། །

ལུང་དང་རྟོགས་པའི་བདག་ཉིད་བསྟན་པ་འདི། །
ཐོས་བསམ་སྒོམ་གསུམ་མཛད་སྦེ་འཛིན་ན་ལེགས། །
མ་རིག་རྨོངས་པའི་འཁོར་བའི་སེམས་ཅན་ལུ། །
ཆོས་ཉིད་བདེན་པ་བསྟན་ན་འགྲོ་དོན་སྒྲུབ། །

གཅིག་གཅིག་ཨིན་ལོ་གཉིས་གཉིས་མ་གཏུབ་ཟེར། །
མ་དག་ང་གི་མཐོང་མི་གོང་གི་སྐྱོན། །
ཨིན་ནམ་མེན་ནམ་ཐུགས་བསམ་འཐེབ་བཞེས་སྦེ། །
སྤང་དགོཔ་སྤངས་ཏེ་བླང་དགོཔ་བླང་གནང་མས། །

༢༠༡༦འཛིན་གྲྭ་གཉིས་པའི་སྐབས་སུ་འབྲི་པའོ།
ཡེ་ཤེས་དབང་འདུས།

བསམ་བཀོད་ 3།

  1. 《དཔལ་སྒྲོན་མ》

    དྲན་པའི་སེམས་ནང་ཡིད་འོང་བུ་མོ་བཞག་སྟེ། །
    གདུང་བའི་དབྱངས་ཚིག་རྫོགས་པའི་དུས་ཅིག་མིན་འདུག །
    ང་ཡི་སྙན་ངག་འདོན་ས་མཛེས་ལྡན་ལྷ་མོ། །
    ཁྱོད་ཀྱི་དོན་ལུ་སྙན་ཚིག་བརྒྱ་སྟོང་བྲིས་ཆོག །

    དབྱུག་པ་ཅན་གྱིས་སྙན་ངག་བརྩམས་པའི་དུས་ལུ། །
    བུམོ་ཁྱོད་འཇིག་རྟེན་འདི་ནང་འཁྲུངས་ཏེ་ཡོད་ན། །
    བརྗོད་བྱ་ཁྱོད་ལས་གཞན་ཚུ་མེད་པ་ཐག་ཆོད། །
    འཇིག་རྟེན་དཔེ་ལུ་བཞག་ཆོག་ང་ཡི་སྙིང་གྲོགས། །

    ཡིད་འོང་མཛེས་པའི་དཔེ་ལུ་ཟླ་བ་བཞག་ན། །
    དྲན་པའི་དུས་ལུ་དཀར་གསལ་ཡང་ཡང་བལྟ་ཆོག །
    བརྩེ་སེམས་འགྱུར་བ་མེད་པའི་རྡོ་ལུ་བཞག་ན། །
    ཁྱོད་ཀྱི་དོན་ལུ་དམ་ཚིག་རི་མོ་བྲིས་ཆོག །

    ཁྱོད་ཀྱི་རྣ་མར་སྙིང་གཏམ་འབུམ་ཕྲག་བཤད་ཡོད། །
    ཁྱོད་ཀྱི་དོན་ལུ་མིག་ལས་མིག་ཁྲག་ཤོར་ཡོད། །
    ཁྱོད་ཀྱི་མི་ཚེ་ང་དང་འགྲོགས་པའི་ཐབས་སུ། །
    སྨོན་ལམ་ཚིག་གསུམ་མི་ཚད་བརྒྱ་སྟོང་བཏབ་ཆོག །

    【རིག་སྲས་དབང་ཕྱུག】

  2. གོང་ལུ་སློབ་ཡེ་ཤེས་དབང་འདུས་ཀྱི་རྩོམ་འདི་ནང་ལུ་སྡེབ་སྦྱོར་ལེ་ཤ་ཅིག་རང་བཅོས་དགོསཔ་འདུག་ལགས། སྡེ་ཚན་གྱི་འགོ་ཁྲིད་ཀྱིས་ཡོངས་འབྲེལ་ནང་མ་བཙུགས་པའི་སྔོན་ལས་སྡེབ་སྦྱོར་ཚུ་ལེགས་བཅོས་འབད་དེ་བཙུགས་གནང་པ་ཅིན་ལེགས་ཤོམ་འོང་ནི་མས་ཟེར་ཞུ་ནི་ཨིན་ལགས།

  3. ལྷུང་མའི>ལྷུང་བའི*
    ལས་ངག་མཁོཝ>འཁོརཝ*
    མཐོང་མའི>མཐོང་བའི*
    ཤོར་ཅུག>བཅུག*
    ལས་འཕྲོག>འཕྲོ*
    མེད་རུ>རུང*
    ཨ་པ>ཨ་པའི*
    ཁེ་རང>ཁྱད་རང*
    སོག་ཤིང>སྲོག་ཤིང་*
    བླགས>རླག
    དགེ་སྤྲོད>དགེ་བགྲེས
    ད་རུང་གཞན་ཡང་འབྲེལ་སྒྲ་དང་བྱེད་སྒྲ་ཆད་ལྷག་གི་སྐྱོན་ལེ་ཤ་ཆགས་ནུག་ལགས། མ་པ་འཛུབ་མནོན་འབད་བའི་བསྒང་སེམས་བག་གཡེང་ཤོར་བའི་སྐྱོན་འོང་མནོཝ་མས། དགོངམ་མ་ཁྲེལ་ལགས

ལན་གསལ་བཀོད།

ཁྱོད་ཀྱི་གློག་འཕྲིན་ཁ་བྱང་འདི་དཔེ་སྐྲུན་འབད་འོང། དགོས་འདོད་ས་སྒོ་ཚུ་ * སྦེ་མངོན་གསལ་འབད་ནུག