སྐུ་གཟུགས་བཟང་པོ།

ཡོངས་འབྲེལ་འཆར་སྒོ་འདི་གི་ བཟོ་བ་པོ་རང་གི་ བྱོན་པ་ལེགས་སོ་དང་ ཡོངས་འབྲེལ་འཆར་སྒོ་འདི་ནང་ གཟིགས་གནང་མི་ལུ་ བཀྲིན་ཆེ་ཟེར་ཞུ་ནི་ཨིན།

ཡོངས་འབྲེལ་འཆར་སྒོ་འདི་ བཟོ་དགོ་པའི་རྒྱ་མཚན་ ལེ་ཤ་ཡོད་པའི་ནང་ལས་ གཙོ་བོ་རང་ དཔལ་ལྡན་འབྲུག་པའི་གཞུང་སྐད་བྱིན་རླབས་ཅན་ རྫོང་ཁ་ གོང་འཕེལ་གཏང་ཐབས་དང་ དེང་སང་དུས་ཀྱི་འགྱུར་བ་དང་ཅིག་ཁར་ འཕྲུལ་རིག་ ཡོངས་འབྲེལ་ གསོ་ནམ་ ལ་སོགས་པ་དང་འབྲེལ་བའི་ མིང་ཚིག་གསརཔོ་ལེ་ཤ་ འབྱུང་སྲིད་སར་བལྟ་སྟེ་ མིང་ཚིག་འདི་ཚུ་ ལག་ལེན་ཐབས་ནི་ལུ་ སྟབས་བདེ་ཏོག་ཏོ་ འབྱུང་འོང་མནོ་བའི་རེ་བ་ཐོག་ བཟོ་བཟོཝ་ཨིན།

འདི་གི་མ་ཚད་པར་ རྫོང་ཁའི་རྩོམ་རིག་ལུ་ སྤྲོ་བ་ཡོད་མི་ཚུ་ལུ་ ཁོང་རའི་རྩོམ་རིག་ཚུ་ མི་རྣམས་ཀུན་གི་འཐོང་ཚུགས་པའི་ཡོངས་འབྲེལ་ནང་ འགྲེམས་སྟོན་འབད་ཚུགས་པའི་ ལམ་བཟུམ་ཅིག་ བཟོ་ཐབས་ལུ་ཨིན། འདི་གིས་ འབྲུག་པའི་ན་གཞོན་ཚུ་ལུ་ ཐབས་ཤེས་ཅན་གྱི་ རྫོང་ཁའི་ཤེས་ཡོན་འབྱུང་གནས་ཅིག་ལུ་ འགྱུར་བའི་རེ་བ་སྦོམ་ཡོད།

དམིགས་ཡུལ་འདི་ཚུ་ དངོས་སུ་འབྱུང་ཐབས་ལུ་ རྫོང་ཁའི་མཁས་པའི་བདག་པོ་ཚུ་གི་ འཆར་སྒོ་འདི་ནང་ཐོ་བཀོད་མཛད་དེ་ རྫོང་ཁའི་བང་མཛོད་ཀྱི་ཞལ་འདེབས་ རྩོམ་རིག་ སྙན་རྩོམ་ འབྲི་རྩོམ་ གཏང་ཡིག་ ལ་སོགས་པའི་ངོ་བོ་ནང་ གནང་ཟེར་ ཞུ་ནི་ཨིན་ལགས།

མཁས་པའི་བདག་པོ་ཚུ་གིས་ མི་དབང་ཡབ་སྲས་ཚུ་གིས་ ཐུགས་དོན་དང་ རྒྱལ་ཁབ་ཀྱི་བལྟ་བ་ འགྲུབ་ཐབས་ལུ། ན་གཞོན་ཚུ་ལུ་ཕན་ཐབས་དང་ ཤེས་རྒྱ་ཆུང་བའི་ ན་གཞོན་ང་བཟུམ་ཅིག་གི་རེ་བ་དང་ བཀང་ཐབས་ལུ་ གྲོགས་རམ་མཛད་དེ་ བཀྲིན་བསྐྱང་གནང།

གོང་ལུ་ ཞུ་བའི་ཚིག་ཚུ་ལུ་ རྐྱེན་ཚད་མེདཔ་ཅིག་འབྱུང་སྟེ་ཡོདཔ་འོང། འདི་མ་ཚད་ འཆར་སྒོ་ནང་ དབྱིན་སྐད་ལས་སྐད་བསྒྱུར་འབད་བའི་སྐབས་ ནོར་བ་ལེ་ཤ་འབྱུང་སྟེ་ཡོདཔ་འོང་། རྐྱེན་འདི་ཚུ་ མེདཔ་བཟོ་ནིའི་དོན་ལུ་ ཐུགས་འཆར་འདི་ཚུ་ འོག་ལུ་བཀོད་འདི་གནང།

བསམ་བཀོད་ 2།

    1. རྒྱལ་ཁབ་ཡར་རྒྱས་སོང་ཡོདཔ་ལས་ ཡོངས་འབྲེལ་གྱི་ཐོག་ལུ་ ག་ཅི་ར་དགོ་རུང་ཐོབ་ཆོག་ཆོ་ཡོད་ནི་འདི་གིས་ སེམས་དགའ་བས། ཨིན་རུང་རྒྱལ་ཡོངས་སྐད་ཡིག་རྫོང་ཁའི་ཐོག་ལུ་ ཡོངས་འབྲེལ་བཟོ་སྟེ་དར་ཁྱབ་གཏང་མི་ཉུང་སུ་དང་ ལྷག་མི་གངམ་མེད་ནི་འདི་གིས་ སེམས་ཡང་ཕམ་ཨིན་པས། དེ་སྦེ་ཨིན་རུང་ ད་རིས་ནཱ་གིས་ཡོངས་འབྲེལ་འདི་མཐོང་སྟེ་ ང་ལུ་ཧེང་སྐལ་ར་བློ་སྟོབས་བྱུང་ཡོད།
      ང་གིས་ཡོངས་འབྲེལ་ཅིག་བཟོ་བཀོད་དེ་ ལོ་ངོ་མང་རབས་ཅིག་ཡར་སོང་རུང་ དང་འདོད་བསྐྱེད་མི་ཆེནམོ་ཅིག་མི་ནུག ང་བཅས་རྫོང་ཁའི་ཡོངས་འབྲེལ་གཡོག་བཀོལ་མི་ཆ་ཁྱབ་གཅིག་དང་གཅིག་གིས་བར་ན་ མཐུན་འབྲེལ་གོང་འཕེལ་གཏང་སྟེ་ ཤེས་ཡོན་བརྗེ་སོར་འབད་དགོ་པའི་དུས་ཚོད་རན་ཆི་ནུག་ཟེར་མནོཝ་མས།

ལན་གསལ་བཀོད།

ཁྱོད་ཀྱི་གློག་འཕྲིན་ཁ་བྱང་འདི་དཔེ་སྐྲུན་འབད་འོང། དགོས་འདོད་ས་སྒོ་ཚུ་ * སྦེ་མངོན་གསལ་འབད་ནུག