སློབ་དཔོན་ལ་གུས་པའི་ཀ་རྩོམ་དྲིན་གྱི་མེ་ཏོག་བཞུགས་སོ།

རྒྱལ་བ་སྟོང་ལས་བཀའ་དྲིན་ལྷག་པའི་མགོན།།
སློབ་དཔོན་རྣམས་ལ་གུས་པའི་བུ་རང་་གིས།།
གུས་པའི་ལུས་ལས་སྙན་པའི་ངག་ཕྱུང་ནས།།
བཀའ་དྲིན་དྲན་པའི་རྩོམ་ཞིག་ཕུལ་ལགས།།

ཀ༽་ཁ་་སྟོན་པའི་སློབ་དཔོན་ཉིན་མོ་འདིར།།
ཁ༽་ཙམ་མ་ཡིན་སྙིང་ལ་བཀའ་དྲིན་དྲན།།
ག༽་ན་བཞུགས་པའི་སློབ་དཔོན་རྣམས་ཀྱི་མདུན།།
ང་༽ཡིས་སློབ་མའི་ཚོ་ཚབ་བཀའ་དྲིན་ཞུ།།

ཅ༽ཅོ་མི་འཆལ་ལེགས་བཤད་གཏམ་ཟབ་ཀྱི།།
ཆ༽གཏེར་བཞིན་དུ་སློབ་མའི་མུན་སེལ་ལ།།
ཇ༽ཆང་ལོངས་སྤྱོད་་ཕུལ་ཐུབ་མ་བྱུང་་ནའང་།།
ཉ༽ཕྲུག་བདག་གི་གུས་པས་རྗེས་སུ་བཟུང་།།

ཏ༽ཐ་ག་ཏའི་དགོངས་པ་ཇི་བཞིན་དུ།།
ཐ༽མལ་བུ་ལ་ཕན་ཕྱིར་ངལ་དུབ་བླང་།།
ད༽ལྟ་དུས་གསུམ་བསུན་མེད་ཆོས་ཀྱི་ཆར།།
ན༽ཡང་མི་དོར་ཆོས་སྦྱིན་སྟེར་བ་མཚར།།

པ༽ནཾ་སྐོམ་སེལ་ལས་ཀྱང་དྲིན་ཆེ་བའི།།
ཕ༽ཆོས་བརྒྱུད་ནས་མ་ཉམས་སྤེལ་བའི་དྲིན།།
བ༽གླང་ང་འདྲའི་ད་དང་ཕྱི་མ་རུ།།
མ༽བཞིན་ཡིད་ལ་འཆང་བས་བཀའ་དྲིན་འཇལ།།

ཙ༽རི་གནས་བཞིན་ཕོ་བྲང་ཡངས་པའི་བརྟེན།།
ཚ༽གསེར་ལས་ཀྱང་ཆེ་བའི་ཡོན་ཏན་དང་།།
ཛ༽ཏི་སྨན་ལྟར་ཉོན་མོངས་བཅད་པའི་སྨན།།
ཝ༽ལེ་ཁྱོད་ཀྱིས་གནང་བའི་བཀའ་དྲིན་དྲན།།

ཞ་༽ཀྱོག་ཐང་དུ་མགོན་མེད་འཁྱམས་པའི་དུས།།
ཟབ༽རྒྱ་ཆོས་ཀྱི་མན་ངག་གནང་བའི་མགོན།།
འ༽་ཅག་རྣམས་ཀྱིས་ཉིན་མོ་ཁྱད་འཕགས་ལ།།
ཡ༽མཚན་ཆེ་བ་སེམས་ནས་བཀའ་དྲིན་འཇལ།།

ར༽་དང་ལུག་བཞིན་རྗེས་སུ་བཟུང་ནས་འཚོས།།།
ལ༽ལ་མཁས་པའི་ས་ལ་ཕྱིན་པར་མཛད།།
ཤ༽་ཁྲག་གཅིག་པའི་སྤུན་ལས་ཀྱང་ལྷག་སྟེ།།
ས༽གཞི་ལྟར་ཆེའི་བྱམས་བརྩེ་བསྐྱངས་པའི་དྲིན།།

ཧ༽ཧ་དགྱེས་པའི་འཛུམ་དམུལ་དང་བཅས་ཏེ།།
ཤཱཀྱའི་ལུང་རྟོགས་བསྟན་པའི་སྲོག་ཤིང་འཛུགས།།
ཨ་༽ཧོ་མཛད་འཕྲིནམཁའ་ལྟར་ཁྱབ་པས་རྒྱས།།
བསྐལ་པ་སྟོང་དུ་བཞུགས་པའི་སྨོན་ལམ་འདེབས།།

འབྲི་མི་ བོད་སྒར་རྟ་མགྲིན་དབང་ཕྱུག

ལན་གསལ་བཀོད།

ཁྱོད་ཀྱི་གློག་འཕྲིན་ཁ་བྱང་འདི་དཔེ་སྐྲུན་འབད་འོང། དགོས་འདོད་ས་སྒོ་ཚུ་ * སྦེ་མངོན་གསལ་འབད་ནུག