【མེ་ཏོག་ནང་གི་བུ་མོ】

བུ་ཆུང་ཉལ་བའི་རྨི་ལམ་ནང་གི །
བརྩེ་བའི་སྨིན་ཆུང་ཡིད་འཕྲོག་ལྷ་མོ། །
མ་ཕྱད་ཞག་དང་ཟླ་བ་སོང་ཚེ། །
སྐྱོ་གདུང་ཚིག་དང་དབྱངས་ལུ་འགྱུར་དོ། །

བུ་མོའི་འཛུམས་མདངས་ཚར་བའི་ཞལ་རས། །
མེ་ཏོག་ནང་ལས་མཛེས་པའི་མེ་ཏོག །
ང་ཡི་སེམས་ཀྱི་ཚལ་ནང་ཤར་ཚེ། །
སེམས་བག་ཕེབ་པའི་ལོངས་སྤྱོད་ཨིན་པས། །

ཅ་ཅོ་ཁུ་བྱུག་སྔོན་མོའི་གསུང་སྐད། །
མཛེས་ལྡན་ལྡན་བུ་མོའི་ཧིང་གཏམ་ལོས་ཨིན། །
ལྷུང་ལྷུང་རྣ་བའི་དབང་པོར་ལྷུང་ཚེ། །
མི་སྙན་གཏམ་ཚུ་འཇོམས་པའི་སྨན་མས། །

འབྲི་མི་: རིག་སྲས་ དབང་ཕྱུག

ལན་གསལ་བཀོད།

ཁྱོད་ཀྱི་གློག་འཕྲིན་ཁ་བྱང་འདི་དཔེ་སྐྲུན་འབད་འོང། དགོས་འདོད་ས་སྒོ་ཚུ་ * སྦེ་མངོན་གསལ་འབད་ནུག