སློབ་དཔོན་ལ་གུས་པའི་ཀ་རྩོམ་དྲིན་གྱི་མེ་ཏོག་བཞུགས་སོ།

རྒྱལ་བ་སྟོང་ལས་བཀའ་དྲིན་ལྷག་པའི་མགོན།། སློབ་དཔོན་རྣམས་ལ་གུས་པའི་བུ་རང་་གིས།། གུས་པའི་ལུས་ལས་སྙན་པའི་ངག་ཕྱུང་ནས།། བཀའ་དྲིན་དྲན་པའི་རྩོམ་ཞིག་ཕུལ་ལགས།། ཀ༽་ཁ་་སྟོན་པའི་སློབ་དཔོན་ཉིན་མོ་འདིར།། ཁ༽་ཙམ་མ་ཡིན་སྙིང་ལ་བཀའ་དྲིན་དྲན།། ག༽་ན་བཞུགས་པའི་སློབ་དཔོན་རྣམས་ཀྱི་མདུན།། ང་༽ཡིས་སློབ་མའི་ཚོ་ཚབ་བཀའ་དྲིན་ཞུ།། ཅ༽ཅོ་མི་འཆལ་ལེགས་བཤད་གཏམ་ཟབ་ཀྱི།། ཆ༽གཏེར་བཞིན་དུ་སློབ་མའི་མུན་སེལ་ལ།། ཇ༽ཆང་ལོངས་སྤྱོད་་ཕུལ་ཐུབ་མ་བྱུང་་ནའང་།། ཉ༽ཕྲུག་བདག་གི་གུས་པས་རྗེས་སུ་བཟུང་།། ཏ༽ཐ་ག་ཏའི་དགོངས་པ་ཇི་བཞིན་དུ།། ཐ༽མལ་བུ་ལ་ཕན་ཕྱིར་ངལ་དུབ་བླང་།། ད༽ལྟ་དུས་གསུམ་བསུན་མེད་ཆོས་ཀྱི་ཆར།། ན༽ཡང་མི་དོར་ཆོས་སྦྱིན་སྟེར་བ་མཚར།། པ༽ནཾ་སྐོམ་སེལ་ལས་ཀྱང་དྲིན་ཆེ་བའི།། ཕ༽ཆོས་བརྒྱུད་ནས་མ་ཉམས་སྤེལ་བའི་དྲིན།། བ༽གླང་ང་འདྲའི་ད་དང་ཕྱི་མ་རུ།། མ༽བཞིན་ཡིད་ལ་འཆང་བས་བཀའ་དྲིན་འཇལ།། …