༼སྣང་བར་གང་ཤར་གྱི་འཁྲུལ་གླུ༽

སྟེང་ལྷ་ཡུལ་འདྲ་བའི་འཛམ་གླིང་ནང་།།
རང་དལ་འབྱོར་མི་ལུས་ཐོབ་རུང་རང་།།
སྔོན་ཚོགས་བསགས་ཆུང་བའི་འབྲས་བུ་གིས།།
དུས་ད་རེས་འཁྲུལ་སྣང་ལང་དགོ་པས།།

དུས་ད་རེས་ཐོབ་པའི་ལུས་རྟེན་འདི།།
ལུས་དྲོད་ཉམས་ལྡན་པའི་མལ་ཆ་ནང་།།
ཨའེ་མཐོང་མི་རྨི་ལམ་ཙམ་ཅིག་ལས།།
དུས་ཡུན་དུ་སྡོད་པའི་དབང་མིན་འདུག།

ངེ་ལུས་རྟེན་གནམ་ཁའི་ས་སྨུག་འདྲ།།
རྐྱེན་ངན་པ་རླུང་འཚུབ་འཕུ་བའི་ཚེ།།
གཟུགས་དངོས་སུ་མེད་པའི་ས་སྨུག་འདི།།
གནམ་སྟོང་པའི་སྦུག་ལུ་ཡལ་བར་ཕངས།།

ཕ་དྲིན་ཅན་ཚེ་ལས་འདས་པའི་ཤུལ།།
ངེ་བཀའ་དྲིན་ཅན་གྱི་ཡུམ་ཆེན་ལུ།།
ཟས་གོས་ཀྱི་དཀའ་ངལ་འཐོན་ཆིཝ་ལས།།
ང་གཞན་གཡོག་རྒྱུགས་པར་གཏང་ད་ཡི།།

ང་སྐྱེས་བའི་ལོ་ཚད་ཆུང་སོངམ་ལས།།
ཉམས་མྱོང་དང་ལྕོགས་གྲུབ་མེདཔ་ལས་བརྟེན།།
བྱམས་སྙིང་རྗེ་མེད་པའི་སྦྱིན་བདག་གིས།།
ཨའེ་མནོ་ཚད་དྲན་ཚེ་རྟས་ཐག་དྲང་།།

ཨའེ་འདི་ཚུ་སེམས་ཁར་དྲན་པའི་ཚེ།།
དུས་ད་རེས་དུས་ལུ་མེན་རུང་རང་།།
ང་ཧེ་མའི་མནོ་བསམ་གཏངམ་ད་ལུ།།
སེམས་འཁྲུལ་བའི་མིག་ཆུ་ལས་ཀྱི་ཤོར།།

འབྲུག་གཞུང་དང་ཨ་མའི་བཀའ་དྲིན་ལས།།
ཕྱིའི་ཡི་གུ་ཨེ་བི་སི་དྲི་དང་།།
རང་འབྲུག་ཡིག་ཀ་ཁ་ག་ང་ཚུ།།
ངོ་འཛོལ་དགོཔ་མ་འཐོན་བཀའ་དྲིན་ཆེ།།

གཟུགས་མི་ཡི་ལུང་པར་འཁྱམས་རུང་རང་།།
བསིལཝ་རླུང་ལས་མགྱོགས་པའི་ངེ་གི་སེམས།།
ཉམས་དགའ་བའི་ཕ་ཡུལ་ལུང་པ་ལུ།།
དྲིན་ཆེ་བའི་ཡུམ་ཆེན་ཨའི་དང་མཉམ།།

སེམས་སྐྱོ་བ་མི་ཡི་ལུང་པར་ལུ།།
ངོ་ཤེས་པ་ས་དང་གནམ་རང་མས།།
དྲིན་ཆེ་བ་ཆུ་དང་མེ་རང་མས།།
བུ་རང་གི་ཕ་ཡུལ་ཧིང་ལས་དྲན།།

བྱམས་བརྩེ་གདུང་ཅན་གྱི་སྤུན་ཆ་ཚུ།།
ཨའེ་ཤ་ཁྲག་མནོ་བའི་ཧིང་ཁར་ལུ།།
དུས་རྟག་བུ་དྲན་ཏེ་འབད་རུང་རང་།།
ཞལ་དངོས་སུ་མཇལ་བའི་རང་དབང་མེད།།

དྲིན་ཆེ་བའི་ངེ་གི་ཨ་མ་དང་།།
ཨའེ་བརྩེ་གདུང་ཅན་གྱི་སྤུན་ཆ་ཚུ།།
དུས་ད་ལྟོ་མཇལ་བའི་དབང་མེད་རུང་།།
ལོག་ཤུལ་ལས་མཇལ་བའི་སྨོན་ལམ་ཡོད།།

ཀརྨ་ཀརྨ། གཞལམ་སྒང་ ཝམ་གླིང་།

ལན་གསལ་བཀོད།

ཁྱོད་ཀྱི་གློག་འཕྲིན་ཁ་བྱང་འདི་དཔེ་སྐྲུན་འབད་འོང། དགོས་འདོད་ས་སྒོ་ཚུ་ * སྦེ་མངོན་གསལ་འབད་ནུག