གངས་གཟིག་ཉམས་སྲུང་གི་བསྐུལ་རྩོམ།

རྫོང་ཁའི་དྲི་བ་ཚུ།Category: དབྱེ་ཁག་མེདཔ།གངས་གཟིག་ཉམས་སྲུང་གི་བསྐུལ་རྩོམ།
དམ་ཆོས། Staff asked 5 months ago

གངས་དང་གཡམ་མའི་ཚམས་ལས།། གངས་དང་སེང་གེ་དཀར་མོ།།
ཁ་བ་བུ་ཡུག་མེད་པ།། དགའ་བ་སྐྱིད་པ་འདུག་གོ།།

ལ་མཐོ་བ་གངས་ཀྱི་རྩེ་མོ་ལུ།། དཀརཔོ་ཁ་བའི་རྒྱན་ཚེ་མཛེས་མི་མཛེས།།
དུས་གཏན་དུ་འཁོར་བའི་གངས་གཟིག་ཚུ།། ཨའེ་འབྲེལ་བ་མེད་པར་གནས་བཅུག་ཅིག།།

ཕྱི་བལྟ་བའི་ཁ་དོག་ལེགས་མི་ལེགས།། ཡར་གངས་ལྗོངས་མཛེས་པའི་རྒྱན་བཏུབ་པས།
ནང་སེམས་ཀྱི་སྤྱང་དྲག་མཁས་མི་མཁས།། རོགས་རི་དྭགས་ཀུན་གྱི་གཙུག་རྒྱན་མས།།

འབྲུག་སྨན་ལྗོངས་ཆོས་ལྡན་རྒྱལ་ཁབ་ནང།། སྔོན་རྒྱལ་བ་གོང་མའི་མཛད་བྱ་ལས།།
སྲོག་ཆགས་སྐྱེས་ལྡན་རིགས་སྣ་ཚུ།། བདག་འཛིན་སྲུང་སྐྱོབ་འབད་འདི་ཡོད།།

ཕྱི་མཚན་རིགས་མཁས་པའི་ཞིབ་འཚོལ་ལས།། གཟི་བརྗིད་ཅན་གྱི་གངས་གཟིག་འདི།།
པགས་དང་རུ་ཏོ་སྨན་གྱི་དོན།། རྒྱུ་འབྲས་མེད་པར་བསད་པ་ལས།།
རབ་ཆད་པའི་ངན་ཁ་སྦོམ་ར་འདུག།། སེམས་བྱམས་དང་སྙིང་བརྗེ་དམག་དཔུང་དང།།
ཐབས་ཤེས་རབ་སྣ་ཚོགས་བཏོན་འདི་ཀྱི།། ཁ་མེད་གཅན་གཟན་གངས་གཟིག་འདི།།
དུས་གཏན་དུ་གངས་རིའི་རྒྱན་ཆ་སྦེ།། གནས་ཚུགས་པའི་སྐྱབས་མགོན་མཛད་གནང་ཞུ།།